ཨ་རིའི་སྒོ་མོ་ས་ཡ་བདུན་བཅུ་ཙམ་བཏང་ནས་ བོད་ཀྱི་རིག་གཞུང་དང་སྤྱི་ཚོགས་ཡར་རྒྱས་ལ་རྒྱབ་སྐྱོར་བྱས།
ཁྱེད་ཀྱི་ཞལ་འདེབས་ཀྱིས་ངེད་ཚོའི་ལས་ཀར་འབྲས་བུ་སྨིན་པར་མཐུན་རྐྱེན་བྱེད།
ལོ་ངོ་ཉི་ཤུའི་རིང་། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ཚོགས་སྡེའི་རྒྱུན་གནས་དང་། ཡར་རྒྱས། གསོན་སྟོབས་བཅས་ལ་རྒྱབ་སྐྱོར་བྱས་ཡོད། ང་ཚོས་མི་དམངས་དང་མཉམ་ལས་བྱས་ནས་ཁོང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བར་འབད་ཅིང་། བོད་ཀྱི་རིག་གཞུང་དང་། སྐད་ཡིག ཡུལ་ཁམས་བཅས་ཀྱི་ཐུན་མོང་མ་ཡིན་པའི་རང་ཆོས་ལ་ཤུགས་སྣོན་བྱེད་བཞིན་ཡོད།
སྨན་ཁང་དང་སློབ་གྲྭ་བརྒྱབ་པ། ཚོང་ལས་ཀྱི་སྦྱོང་བརྡར་གཉེར་བ། ཚོགས་འདུ་དང་བགྲོ་གླེང་བསྐོངས་ནས་རིག་གཞུང་དང་ཡར་རྒྱས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་པ་དང་། དེ་བཞིན་ཁྱིམ་ཚང་མང་པོར་ཉེན་སྐྱོབ་ཀྱི་བྱ་བ་བསྒྲུབས་པ་དང་། རྩ་ཐང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཞིབ་འཇུག་གི་མ་དངུལ་སྤྲད་པ་སོགས་ནི་ང་ཚོས་༡༩༩༣ནས་བསྒྲུབས་པའི་ལས་གཞི་མང་པོའི་ནང་གི་ཟུར་གཅིག་རེད། ད་ཆ་ང་ཚོའི་ཐེབས་རྩའི་ལས་ཀའི་ཤུགས་སྣོན་བརྒྱབ་ཡུལ་དེ་ལ་འགྱུར་བ་ཕྱིན་ཡོད་པ་དང་། ང་ཚོའི་ཚོགས་པའི་ལས་ཀརཡུལ་དུས་ཀྱི་་དགོས་མཁོ་དང་བསྟུན་ནས་མུ་མཐུད་འགྱུར་བ་འགྲོ་བཞིན་ཡོད་རུང་། ང་ཚོའི་ཐོག་མའི་དམིགས་ཡུལ་དང་བསྒྲུབ་བྱར་འགྱུར་བ་ཕྱིན་མེད། ཁྱེད་ནས་ང་ཚོའི་འདས་ཟིན་པའི་ལས་གཞི་ཁག་ལ་མཁྱེན་འདོད་ཡོད་ན་གཤམ་ལ་མུ་མཐུད་གཟིགས་རོགས།
སློབ་ཡོན་གྱི་རོགས་རམ་བརྒྱུད་དེ། སློབ་མ་རྣམས་ལ་མ་འོང་པའི་ལས་ཀའི་མདུན་ལམ་ལ་རྨང་གཞི་ལེགས་པོ་གདིང་ཐུབ་པ་དང་། རང་ཉིད་ཀྱི་མདུན་ལམ་ལ་བདམ་ཁ་ལེགས་པོ་ཡོང་ཆེད། ཕུལ་བྱུང་སློབ་མ་རྣམས་ལ་སློབ་ཡོན་སྦྱིན་ནས། ཁོང་རྣམས་ཀྱིས་བོད་ཀྱི་སློབ་གསོའི་མ་ལག་ལ་ལེགས་སྐྱེས་འབུལ་ཐུབ་པ་དང་། བོད་ཡོངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་མཐུན་རྐྱེན་བྱེད་པའོ།
སློབ་ཕྲུག་
༥༠༠༠
ལ་རྒྱབ་སྐྱོར་བྱས་པ།
མཐོ་རིམ་གྱི་སློབ་གསོར་རྒྱབ་སྐྱོར་བྱས་པའི་ཁོངས་སུ་བོད་ཀྱི་སྐད་ཡིག་ནང་ལ། ཁྲིམས་ཀྱི་སློབ་གསོའི་ལག་ཁྱེར་འཐོབ་མཁན་ཆེས་ཐོག་མའི་སློབ་མ་གཉིས་དང་། བུད་མེད་སློབ་མ་༡༧༥༠ལྷག་གསོ་སྐྱོང་བྱས།
སློབ་ཆེན་རིམ་པའི་
སློབ་ཚན་
གསར་པ་
༥
བོད་ཀྱི་སྐད་ཡིག་ནང་ལ་ཚོང་ལས་དང་། ཁྲིམས། གློག་ཀླད། བོད་སྨན་དང་རྒྱ་སྨན་སོགས་ཀྱི་སློབ་ཚན་གསར་པ་བཟོས་པ་དང་སློབ་ཁྲིད་ཀྱི་ལས་གཞི་སྤེལ་ཡོད།
དགེ་རྒན་
༣༥༠༠
སྦྱོང་བརྡར་སྤྲད་པ།
དབྱིན་ཇིའི་སྐད་ཡིག་གི་སློབ་ཚན་ནས། ཚན་རིག་དང་སློབ་ཁྲིད་ཐབས་ལམ་དང་། དེ་བཞིན་སློབ་གྲྭའི་འཛིན་སྐྱོང་གི་སྦྱོང་བརྡར་སོགས་སྤྲད་ཡོད།
ས་གནས་ཀྱི་མཐུན་རྐྱེན་དང་བོད་ཀྱི་ཞིང་འབྲོག་གི་རིག་གནས་ཀྱི་གནས་བབ་དང་བསྟུན་ནས། ས་གནས་ཀྱི་དཔལ་འབྱོར་ཐོན་ཁུངས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། དཔལ་འབྱོར་གྱི་སློབ་གསོའི་ནུས་པ་ཇེ་མཐོར་གཏོང་བ། དེ་བཞིན་སློབ་གསོའི་གོ་སྐབས་རྒྱ་བསྐྱེད་ཡོང་བར་དམིགས་ཏེ་སྤྱང་གྲུང་ལྡན་པའི་ལས་གཞི་སྤེལ་བའོ།
སློབ་མ་
༡༠༠༠
རྒྱབ་སྐྱོར་བྱས།
རང་ཁ་རང་གསོ་ཐུབ་པའི་གསར་གཏོད་ཅན་གྱི་ཕྱུར་བ་བཟོ་གྲྭའི་ལས་གཞི་བརྒྱུད་ནས་
༣༣༤
གྲོང་ཚོ་
ནང་ལ་བཙུད་པ།
འཚོ་བ་དང་། འཐུང་ཆུ་གཙང་མ། འཕྲོད་བསྟེན་བཅས་ཀྱི་མཐུན་རྐྱེན་ཡར་རྒྱས་གཏོང་བའི་ཆེད་དུ་གྲོང་ཚོ་༢༧ལ་ཚོང་ལས་ཀྱི་སྦྱོང་བརྡར་གྱི་ལས་གཞི་སྤེལ།
༡༢༠༠
འཕྲོད་བསྟེན་
ལས་བྱེད་
སྦྱོང་བརྡར་སྤྲད་པ།
གྲོང་གསེབ་ཀྱི་སྨན་ཁང་༣༠བརྒྱབ་པ་དང་། སྨན་ཁང་གཞན་པ་༥༠ཡོ་ཆས་སྦྱིན་པ།
བོད་ཡིག་གི་དཔེ་ཆ་པར་སྐྲུན་ལ་རོགས་སྐྱོར་དང་། གནའ་དེང་བོད་ཀྱི་རིག་གཞུང་གི་ཡིག་ཚགས་བཟོ་བ། ཕ་སྐད་སློབ་གསོ་ཡར་རྒྱས་གཏོང་བ། དེ་བཞིན་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཤུལ་བཞག་སྲུང་སྐྱོང་གི་བྱ་བར་ཞིབ་འཇུག་དང་རོགས་སྐྱོར་བྱེད་མཁན་མི་སྒེར་པ་དང་ཚོགས་པ་ཁག་ལ་མཐུན་རྐྱེན་སྒྲུབ་བཞིན་ཡོད།
དེབ་
ས་ཡ་གཅིག
པར་སྐྲུན་བྱས།
དེ་དག་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་དང་། བཤད་གྲྭ་དང་དཔེ་མཛོད་༩༠༠ལྷག་ལ་བགོས་འགྲེམས་བྱས།
༡༢༠༠༠
དེབ།
ལ་རྩེ་དཔེ་མཛོད་བརྒྱུད་ནས་བོད་ཡིག་དང་། རྒྱ་ཡིག རྫོང་ཁ། དེ་བཞིན་དབྱིན་ཇི་བཅས་ཀྱི་དེབ་ལ་དཀར་ཆག་བཟོས་ནས། མི་མང་ལ་བཀྲམ་པ།
༡༠
ཚོགས་འདུ་
དང་བགྲོ་གླེང་
རྒྱབ་སྐྱོར་བྱས་པ།
རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཚུད་པའི་རིག་གཞུང་དང་ཡར་རྒྱས་ཀྱི་ཚོགས་འདུ།
ཨ་རིའི་སྒོ་མོ་ས་ཡ་བདུན་བཅུ་ཙམ་བཏང་ནས་ བོད་ཀྱི་རིག་གཞུང་དང་སྤྱི་ཚོགས་ཡར་རྒྱས་ལ་རྒྱབ་སྐྱོར་བྱས།
ཁྱེད་ཀྱི་ཞལ་འདེབས་ཀྱིས་ངེད་ཚོའི་ལས་ཀར་འབྲས་བུ་སྨིན་པར་མཐུན་རྐྱེན་བྱེད།