You are here

སྐལ་བཟང་ལམ་བྲག་དང་བསྟན་འཛིན་རིག་སྒྲོལ།བོད་ཀྱི་སྒྱུ་རྩལ་གླེང་བ།

སྐལ་བཟང་ལམ་བྲག་དང་བསྟན་འཛིན་རིག་སྒྲོལ།བོད་ཀྱི་སྒྱུ་རྩལ་གླེང་བ།
Thursday, October 10, 2013

དུས་ཚོད།
༢༠༡༣ལོའི་ཟླ་བ་༡༠ཚེས་༡༠
ཕྱི་འདྲོ། ཆུད་ཚོད། ༦-༨
བོད་ཀྱི་དེང་དུས་ཀྱི་སྒྱུ་རྩལ་གྱི་སྒོ་མོ་ཡངས་པོར་འབྱེད་མཁན་སུད་སི་ལ་བཞུགས་པའི་སྐལ་བཟང་ལམ་བྲག་མཆོག་ནི་ལག་ལ་གང་ཐོགས་སྒྱུ་རྩལ་ལ་བཀོལ་ནས་སྙན་གྲགས་རྒྱས་པའི་སྒྱུ་རྩལ་པ་ཞིག་ཡིན། དཔེར་ན་སྦི་རག་གི་ལྕགས་དམ་དང་། དེ་བཞིན་རྐང་འཁོར་གྱི་འཁོར་ལོའི་ཐོག་ལ་འགྱིག་ཤོག་བཞུར་ནས་སྒྱུ་རྩལ་གྱི་བརྩམས་ཆོས་བསྐྲུན་པ་དེ་དག་ནི་བསམ་ཡུལ་ལས་འདས་པ་དང་། ཚོན་མདངས་བཀྲ་བ། དེ་བཞིན་བློ་ལ་ཤོང་མི་ཐུབ་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་ཤ་སྟག་ཡིན། ཐེངས་འདིར་སྐལ་བཟང་ལམ་བྲག་ལགས་དང་། བོད་ཀྱི་སྙན་གྲགས་ཅན་གྱི་སྒྱུ་རྩལ་བ་གཞན་པ་ཞིག་སྟེ། ནུབ་ཕྱོགས་ཀྱི་འདྲ་སྐུ་དང་ནང་པའི་མཚོན་རྟགས་སྣ་ཚོགས་མཉམ་སྒྲིག་གནང་ནས་སྒྱུ་རྩལ་གྱི་བརྩམས་ཆོས་སྐྲུན་མཁན། ཕུལ་བྱུང་གི་བྱ་དགའ་ཐེངས་མང་ཐོབ་མྱོང་མཁན་བསྟན་འཛིན་རིག་གྲོལ་ལགས་གཉིས་ནས་གླེང་གཞི་སྣ་ཚོགས་ཏེ། སྒྱུ་རྩལ་དང་། གོམས་སྲོལ། རྒྱུད་ལམ། ངོ་བོ་ལ་སོགས་ཀྱི་སྟེང་ལ་བགྲོ་གླེང་ཟབ་རྒྱས་གནང་རྒྱུ་ཡིན་པས། སྐུ་ཉིད་བཞུགས་མོལ་བགྲོ་གླེང་འདིར་མཉམ་ཞུགས་ཐུབ་པའི་རེ་བ་ཞུ།

Tenzing Rigdol

Tenzing Rigdol

Tenzin Rigdol was born in Kathmandu, Nepal. He has a diploma in traditional thangka painting and also studied sand painting and butter sculpture in Kathmandu and India. In 2005, he attained a BA in Art History and a BFA in Painting/Drawing at the University of Colorado at Denver. Tenzing Rigdol’s art has been exhibited in numerous venues in the US, the UK, Hong Kong and China. In 2008 he was awarded the Rubin Himalayan Artist Fellowship at the Vermont Studio Center. He now lives and works in New York City.

Kesang Lamdark

Kesang Lamdark

Kesang Lamdark was born in Dharamsala but grew up in Switzerland, where he currently resides. He worked as an interior architect before coming to New York City to study at the Parson’s School of Design and later at Columbia University, where he obtained an MFA in visual art. He has exhibited works in both solo and group exhibitions in Europe, Asia, the Middle East, and North America. He currently resides in Zürich.

TRACE FOUNDATION

132 Perry St., Suite 2B

New York, NY 10014

1 (212) 367-8490

events@trace.org

NEAREST SUBWAYS:

A/C/E/B/D/F/M to W. 4th St. –

Washington Sq

L/A/C/E to 8th Ave. – 14th

1 to Christopher St.

PATH to Christopher St.