You are here

རབ་དཀར་དབང་ཕྱུག

རབ་དཀར་དབང་ཕྱུག

རབ་དཀར་དབང་ཕྱུག་ནི་རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་པ་བཙན་བྱོལ་བ་ཞིག་རེད། ལོ་ན་བདུན་ལ་སོན་སྐབས་རྒྱུད་སྨད་གྲྭ་ཚང་ལ་བཞུགས་ཤིང་། དེ་གར་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་བོད་ཀྱི་ལྷ་བྲིས་ཆེན་མོ་ངག་དབང་ནོར་བུ་མཆོག་དང་། དེ་བཞིན་མཁས་དབང་དུ་མའི་ཞབས་ནས་ཐང་ག་སྦྱངས། ལོ་ངོ་དེ་དག་གི་རིང་ལ། ཁོང་གིས་བརྐོས་དང་། མར་རྒྱན། རྡུལ་ཚོན་སོགས་ལ་བསླབས། ཁོང་གིས་བོད་ཀྱི་ཟློས་གར་ཁང་ལ་བཞེངས་པའི་བོད་བཟོའི་རྒྱལ་སྒོ་དེར་སྐྱེ་བོ་མང་པོ་ཡིད་དབང་འཕྲོག་པ་དང་། དེ་རྗེས་ཟློ་གར་ལ་བཞུགས་ནས་དེའི་མཛེས་བཟོའི་འགན་འཛིན་གྱི་ལས་འགན་བླངས། ཁོང་གི་སྒྱུ་རྩལ་གྱི་བརྩམས་ཆོས་ལ་བོད་པ་དང་ཕྱི་རྒྱལ་བ་མང་པོས་དོ་སྣང་ཆེན་པོ་བྱེད་པ་དང་། ཁོང་ད་ལྟ་ཨ་རིའི་ནེའུ་ཡོག་གི་ཁུ་ཝེན་སི་གྲོང་ཁྱེར་ལ་བཞུགས་བཞིན་པའོ།