You are here

དགའ་སྟོན། བོད་ཀྱི་རི་མོའི་སྒྱུ་རྩལ་འགྲེམ་སྟོན་དབུ་འབྱེད།

དགའ་སྟོན། བོད་ཀྱི་རི་མོའི་སྒྱུ་རྩལ་འགྲེམ་སྟོན་དབུ་འབྱེད།
Thursday, November 6, 2014

ང་ཚོའི་བོད་ཀྱི་རི་མོའི་སྒྱུ་རྩལ་འགྲེམ་སྟོན་དེ་༢༠༡༥ཡི་དཔྱིད་ཀ་བར་ལ་བསྒྱངས་པ་ཡིན། འོན་ཀྱང་དེའི་བར་ལ་དམིགས་བསལ་རི་མོའི་སྒྱུ་རྩལ་གྱི་སྔོན་གཟིགས་ཀྱི་འགྲེམ་སྟོན་ཞིག་གོ་སྒྲིག་ཞུ་བཞིན་ཡོད་པས། འདིར་མནན་ནས་གནས་ཚུལ་ཞིབ་ཕྲ་གཟིགས་རོགས། འགྲེམ་སྟོན་དང་སྣེ་ལེན་དེ་ལ་རྩེ་དཔེ་མཛོད་ཀྱི་ཁང་པའི་ཐོག་བརྩེགས་དང་པོ་སྟེ། 132 Perry Streetལ་གོ་སྒྲིག་བྱ་རྒྱུ་དང་། དེ་བཞིན་བྱེད་སྒོ་གཞན་པ་རྣམས་དཔེ་མཛོད་ཀྱི་ཚོམས་ཆེན་ནང་ལ་སྤེལ་རྒྱུ་ཡིན། སྐུ་མགྲོན་སྣེ་ལེན་ནི། ཟླ་བ་༡༡ཚེས་༦ཉིན། ཆུ་ཚོད། ༦ནས་༨བར་ཡིན།

འགྲེམ་སྟོན་གྱི་སྟ་གོན་གཟིགས་འབུལ་སྒོ་འབྱེད་དུས་ཚོད་ནི། ཟླ་བ་༡༡ཚེས་༦ནས་ཟླ་བ་༡༢ཚེས་༤བར། རེས་གཟའ་ཕུར་བུ་ནས་སྤེན་པ་བར་ལ། ཆུ་ཚོད། ༡༠ནས་༥པ་བར་ཡིན།  སྒྱུ་རྩལ་མཁས་དབང་ལེ་མི་ལ་དང་སྒྱུ་རྩལ་བ་རྣམ་པའི་དབར་ལ་བགྲོ་གླེང་ཚོགས་འདུ་དེ་ཟླ་བ་༡༡ཚེས་༡༢སྟེ། རེས་གཟའ་ལྷག་པའི་ཆུ་ཚོད་༦ནས་༨དང་སྐར་མ་༣༠བར་ཡིན།  མཁས་དབང་ཁེ་ལེར་ཧ་རི་སི་མཆོག་གི་དཔེ་དེབ་དབུ་འབྱེད་དང་། སྒྱུ་རྩལ་བ་གོང་དཀར་རྒྱ་མཚོ་ལགས་དང་བསྟན་འཛིན་རིག་གྲོལ་མཉམ་དུ་བགྲོ་གླེང་བྱེད་པའི་ཚོགས་འདུ་དེ་སྤྱི་ཟླ་༡༢ཚེས་༤སྟེ། རེས་གཟའ་ཕུར་བུའི་ཆུ་ཚོད་༦ནས་༨དང་སྐར་མ་༣༠བར་ཡིན། 

གཟིགས་ཕུད་ལ་བཞུགས་མཁན་གྱི་སྒྱུ་རྩལ་བ་ནི།
 

བསྐལ་བཟང་ལམ་བྲག

ལི་བྷི་ཡ་ལི་བྷར་རན་ནི།

མི་ཁེལ་མར་ཊེ་ལོ།

ཉི་མ་དོན་གྲུབ།

རབ་དཀར་དབང་ཕྱུག

བསོད་ནམས་སྒྲོལ་མ།

བཀྲ་ཤིས་ནོར་བུ། ༼ཨམ་སེ་ཊར་ཀྲམ།༽

བཀྲ་ཤིར་ནོར་བུ། ༼ལྷ་ས།༽

བསྟན་འཛིན་འཕགས་མོ།

ཚེ་སྐལ།

སྤྲུལ་སྐུ་འཇམ་དབྱངས།

 

 

TRACE FOUNDATION

132 Perry St., Suite 2B

New York, NY 10014

1 (212) 367-8490

events@trace.org

NEAREST SUBWAYS:

A/C/E/B/D/F/M to W. 4th St. –

Washington Sq

L/A/C/E to 8th Ave. – 14th

1 to Christopher St.

PATH to Christopher St.