You are here

མི་ཚོགས་ཀྱིས་འཁེངས་པའི་ཡིག་གཟུགས་ཀྱི་འགྲེམས་སྟོན།

གྲངས་འབོར་མང་པོའི་གྲྭ་བཙུན་རྣམས་ཀྱིས་ཆོས་དཔེ་བཤུ་འབྲི་བྱེད་དགོས་བྱུང་བ་དང་ལོ་ངོ་བཅུ་ཕྲག་མང་པོའི་རིང་རང་བྱུང་ས་ཁམས་དང་སྲིད་དོན་གྱི་ཆ་ནས་ཁེར་རྐྱང་དུ་ལུས་སྟབས་ལག་རྩལ་འཕེལ་རྒྱས་དལ་བའི་རྐྱེན་གྱིས། ལོ་ངོ་སྟོང་གཅིག་དང་ ལྔ་བརྒྱ་ལྷག་གི་རིང་ལ་མདོ་དབུས་མཐོ་སྒང་ནི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་རིག་གནས་ཀྱི་ཞིང་ཁམས་ཞིག་གི་ངང་དུ་ གནས་ཡོད། ང་ཚོ་ཚང་མ་དྲ་རྒྱའི་ཆ་ཤས་སུ་གྱུར་ཅིང་འཛམ་བུ་གླིང་འདི་རྩིས་འཁོར་དང་དམ་པོར་འབྲེལ་བ་དང་རྩིས་འཁོར་གྱི་མདུན་ནས་ འདུག་ཡུན་ཇེ་རིང་ནས་ཇེ་རིང་དུ་གྱུར་བའི་ཉིན་མོ་འདི། གོང་གི་འདི་ནི་ལས་དོན་ཞིག་གི་ཆེད་དུ་མི་ཚོགས་ཀྱིས་ཁེངས་ཤིང་ གསོན་ཤུགས་རྒྱས་པའི་ཁང་པ་ཞིག་གི་ནང་ང་ཚོས་ཤུལ་བཞག་རིག་རྫས་དང་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སྒྱུ་རྩལ་ལ་ དུས་སྟོན་གྱིས་མཛད་སྒོ་སྤེལ་པ་མཐོང་བ་ལ་ཀུན་ཕན་ཐེབས་རྩ་ཚོགས་པ་དགའ་སྤྲོ་ཆེན་པོ་སྐྱེས་པའི་རྒྱུ་མཚན་དེ་ཡིན། དེ་བས་ཀྱང་དགའ་སྤྲོ་སྐྱེས་པ་ཞིག་ནི་ཕ་མ་མང་པོས་ཁོ་ཚོའི་ཕྲུ་གུ་ཁྲིད་ནས་བྱིས་པ་རྣམས་ཀྱིས་ཁོ་ཚོའི་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་དུ་གཏོང་བར་ཕེབས་པ་དེ་རེད། ༢༠༡༢ལོའི་ཟླ་དགུ་བའི་ཚེས་༢༩ཉིན། མིང་དུ་གྲགས་པའི་ལྷ་རིས་པ་དང་ཇུས་འགོད་པ། ཡིག་གཟུགས་མཁན་པོ་སྤྲུལ་སྐུ་མི་ཕམ་རྣམ་རྒྱལ་རིན་པོ་ཆེ་མཆོག་མཚོ་སྔོན་སྐྱེ་དགུ་མདོ་བམ་ཀློང་མདོ་སྔགས་ཆོས་འཁོར་གླིང་ནས་ང་ཚོའི་སར་ཞབས་སོར་ འཁོད་པ་མ་ཟད། གསུང་བཤད་གནང་བ་དང་ཁོང་གི་བྲིས་རིས་སྒྱུ་རྩལ་ང་ཚོར་འགྲེམས་སྟོན་མཛད། སྐུ་མགྲོན་རྣམས་མ་ཕེབས་ གོང་ནས་ཁོང་གིས་རང་ཉིད་ཀྱི་བརྩམས་ཆོས་རྣམས་འགྲེམ་པ་དང་དམིགས་བསལ་གྱི་སྐུ་མགྲོན་ཡིག་གཟུགས་མཁན་པོ་ཕུན་ ཚོགས་ལྡུམ་ཁང་དང་དཔེ་མཛོད་ཁང་གི་མགོ་འཛིན་པ་པདྨ་འབུམ་བཅས་ཀྱི་བརྩམས་ཆོས་ཡར་བཀལ་བས་དཔེ་མཛོད་དུ་གསོན་ཤུགས་རྒྱས།

རིན་པོ་ཆེ་མཆོག་གི་གསུང་ཆོས་དུ་ཁོང་གིས་བོད་ཀྱི་ཡིག་གཟུགས་ཀྱི་སྐོར་ལ་གསལ་བཤད་བྱས་བྱུང་། ལྷག་དུ་དབུ་ཅན་གྱི་ སྐོར་ཏེ་སྲོལ་རྒྱུན་དུ་ཆོས་སམ་བཀའ་བསྟན་བཤུ་འབྲི་བྱེད་པ་དང་། དབུ་མེད་ནི་མི་སྐྱས་བེད་སྤྱོད་བྱེད། རིན་པོ་ཆེས་སྒང་གི་ཐང་དྲིལ་དེ་སྟོན་ཞོར་དུ་ལོ་རྒྱུས་ཁྲོད་ཡིག་གཟུགས་སྒྱུ་རྩལ་ལ་འགྱུར་ལྡོག་བྱུང་བའི་ཚུལ་དང་ད་ལྟ་འབྲི་བཞིན་པའི་བོད་ཀྱི་ཡིག་གཟུགས་འདི་དུས་རབས་བདུན་པ་ནས་ཡོད་ཚུལ་གསལ་བཤད་བྱས་བྱུང་།

ཀུན་གྱིས་ཤེས་གསལ་ལྟར། ཡིག་གཟུགས་ནི་ཚེགས་ཆེ་ལ་རེ་འདོད་མང་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད་ཞེས་རིན་པོ་ཆེས་གསུངས་བྱུང་། རི་མོ་བ་ཞིག་གིས་རི་མོ་ནང་བྱན་ཆུད་པར་ལོ་བཞི་དགོས་ལ། བོད་ཀྱི་ཡིག་གཟུགས་འབྲི་མཁན་ཞིག་ལ་ཆེས་ཉུང་མཐར་ཡང་ལོ་དྲུག་དགོས། ཡིག་གཟུགས་འབྲི་སྐབས་ནོར་འཁྲུལ་བྱུང་དུས་ཡིག་མཁན་གྱི་ཡང་བསྐྱར་མགོ་ནས་འབྲི་དགོས། ཡིག་གཟུགས་ཀྱི་བརྩེགས་རིམ་རེ་རེར་ནང་དོན་རེ་ཡོད། རིན་པོ་ཆེས་བཞད་ཀྱིན་གསུང་དོན་ཁོང་གིས་རྒྱུན་དུ་མཐོང་བ་ནི་སྦྱང་བརྡར་འཐོབ་པའི་ཡིག་མཁན་རྣམས་ཀྱིས་འབྲུམ་ཚུགས་ཁོ་ན་འབྲི་བཞིན་འདུགའབྲུམ་ཚུགས་ལ་གྲུབ་ཆ་བདུན་ ཡོད། ༼ཁོང་གི་ཡིག་གཟུགས་རྒྱུ་རྩལ་གྱི་པར་ལ་གཟིགས་རོགས།༽

ནང་བསྟན་མཁས་པ་འཇུ་མི་ཕམ་མཆོག་གིས་གསལ་འདེབས་བྱེད་དོན་ཡིག་གཟུགས་ཀྱི་ཆ་ཚད་དེ་མིའི་གཟུགས་པོ་ནང་བཞིན་བསམ་བློ་ནང་འཁོར་དགོས་པ་སྟེ། ཆེ་དྲགས་པ་མ་ཡིན་པའི་མགོ་དང་རིང་མ་དྲགས་པའི་རྐང་པ། ཆེ་དྲགས་པ་མ་ཡིན་པའི་གསུས་པ་དང་མིག་སོགས་ལེགས་པར་འབྲི་དགོས། ཡི་གེ་རྣམས་ཁྱིམ་མཚེས་ལའང་བློ་ཉེ་པོ་ཡོད་དགོས་པ་སྟེ་གཅིག་གཅིག་གི་སྒང་ལ་དམ་པོར་བརྩེགས་པ་མ་ཡིན་པར་དབུགས་འབྱིན་རྔུབ་ཐུབ་པར་བར་སྟོང་འདང་ངེས་ཞིག་འཇོག་དགོས་ཞེས་གསུངས་བྱུང་།

གསུང་བཤད་ཚར་རྗེས། ང་ཚོས་ཉན་མཁན་རྣམས་ནས་ཡིག་མཁན་རྣམས་ལ་ཕན་པ་དང་ཀུན་ཕན་ཐེབས་རྩ་ཚོགས་པའི་ ལས་ཀ་ལ་རྒྱབ་སྐྱོར་འཐོབ་ཆེད་བྲིས་པའི་ཡིག་གཟུགས་ལྷིང་འཇགས་རིན་གོང་མཐོ་སྤར་གྱི་བཙོང་བའི་ལས་འགུལ་ལ་ ཞུགས་པར་སྐུལ། རིན་པོ་ཆེ་མཆོག་དང་། འབུམ། ལྡུམ་ཁང་རྣམས་མདུན་ཅོག་འགྲམ་བཞུགས་ནས་གནའ་བོའི་མ་ཎི་ཡིག་ དྲུག་ནས་བཟུང་གཏམ་དཔེ་དང་། མིང་། ཚིག་སོགས་སུས་གང་འདོད་པ་དག་ཡིག་གཟུགས་སུ་བྲིས། ཁ་ཤས་ལྕགས་སྨྱུག་གིས་ མགྱོགས་བྲིས་དང་། འགའ་ཞིག་རྣམ་པར་བཀྲ་བའི་ཚོན་མདངས་དམར་པོས་བྲིས། ཐམས་ཅད་ཡང་ཤིན་ཏུ་ལེགས་ཤིང་མཛེས་ལྡུག་ལྡན།


འདེམས་གསེས་བྱས་པའི་ཡིག་གཟུགས་ལེགས་པོ་ད་དུང་འཚོང་རྒྱུ་ཡོད་ལ། མཁོ་ཚེ་དྲ་ཚིགས་events@trace.org འདིའི་སྟེང་ནས་དེ་ལས་མང་བའི་གནས་ཚུལ་ཡོད་ལ་པདྨ་འབུམ་གྱིས་མི་སྒེར་གྱི་དགོས་མཁོ་ལྟར་ཡིག་གཟུགས་མཁོ་སྤྲོད་ བྱེད་ངེས་ཡིན། པདྨ་འབུམ་གྱིས་བོད་ཡིག་ལ་ཞལ་འདེབས་གནང་བའི་ཡིག་གཟུགས་ཀུན་འདུས།ཟེར་བའི་དེབ་ཡང་འཚོང་རྒྱུ་ཡོད་དོ།།