You are here

རྡོ་ནོལ་ ལོ་པེ་སི།

རྡོ་ནོལ་ ལོ་པེ་སི།
མེ་ཞི་སྒན་སློབ་གྲྭ་ཆེན་མོ།
ཨ་རིའི་མེ་ཞི་སྒན་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་སྐད་ཡིག་དང་རིག་གནས་སྡེ་ཚན་གྱི་ནང་ཆོས་དང་བོད་རིག་པའི་དགེ་རྒན་ཆེན་མོ།

རི་མོ་ཁག་དེ་གཉིས་ཀྱི་ལྷན་ཐབས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཉམས་ཞིབ་གནང་མཁན་སྐུ་ཞབས་རྡོ་ནོལ་ ལོ་པེ་སི་(Donald Lopez)གྱིས་དཔེ་དེབ་འདིའི་ཆེད་དུ་བརྩམས་པའི་དགེ་ཆོས་ཀྱི་སྐུ་ཚེ་དང་གསུང་རྩོམ་སྤྱི་ལ་སྐྱར་ཞིབ་ཀྱི་རྩོམ་ཡིག་ཅིག་དང་། དགེ་ཆོས་ཀྱི་རི་མོའི་སྐོར་ལ་དབྱེ་ཞིབ་ཀྱི་རྩོམ་ཡིག་གཅིག་ཀྱང་བཀོད་ཡོད། རྩོམ་ཡིག་དེ་གཉིས་ནི་ད་ཕན་དགེ་ཆོས་ཀྱི་གསུང་རྩོམ་དང་རི་མོ་གང་མང་དང་། དགེ་ཆོས་སྐོར་ལ་ཞིབ་འཇུག་གི་འབྲས་བུ་སྣ་མང་ལ་གཞི་བཅོལ་ནས་བྲིས་པ་ཡིན། རྡོ་ནོལ་ ལོ་པེ་སི་ནི་ཨ་རིའི་མེ་ཞི་སྒན་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་སྐད་ཡིག་དང་རིག་གནས་སྡེ་ཚན་གྱི་ནང་ཆོས་དང་བོད་རིག་པའི་དགེ་རྒན་ཆེན་མོ་ཡིན་ལ་རྒྱལ་སྤྱིའི་སྟེང་ལ་དགེ་ཆོས་ཞིབ་འཇུག་གི་འབྲས་བུས་ཧ་ཅང་ཕྱུག་པའི་མཁས་པ་ཞིག་ཀྱང་ཡིན། ཁོང་གིས་དགེ་ཆོས་སྙན་རྩོམ་གྲངས་བརྒྱ་དང་བཞི་དབྱིན་བསྒྱུར་གནང་ནས་དབྱིན་བོད་ཤན་སྦྱར་གྱིས་དཔེ་སྐྲུན་གནང་ཡོད་པ་དང་། ཀླུ་སྒྲུབ་དགོངས་རྒྱན་ཡང་དབྱིན་སྒྱུར་གྱིས་དཔེ་སྐྲུན་གནང་ཚར་བ་མ་ཟད། ཟླ་ཤས་ཀྱི་སྔོན་ལ་གཏམ་རྒྱུད་གསེར་གྱི་ཐང་མ་ཡང་དབྱིན་སྒྱུར་གྱིས་དཔེ་སྐྲུན་གྲུབ་ཡོད།