༡༩༨༧ལོ་སྟེ། བོད་ཁུལ་དེ་ཕྱི་གླིང་བའི་ལྟ་སྐོར་རྣམས་ལ་སྒོ་ཕྱེ་ནས་ཅུང་མ་འགོར་བའི་སྐབས་དེར། ལོ་ཉེར་གཉིས་ལ་སླེབས་པའི་ཨ་ལཊ་རྫན་སྒྲ་ཡིས་རྒྱབ་ཁུག་འཁུར་ནས་རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་བསྒྱུར་བའི་འགྲུལ་བཞུད་བྱས་ཏེ་གོ་ལ་རིལ་མོ་འཕྲེད་ཀྱིས་བཅད།
དམའ་ལ་དཀར་རྩི་བཏང་བའི་རྡོ་ཁང་གི་བར་རོལ་དག་དུ་གྲུབ་པའི་ཀྱོག་ཀྱོག་གི་སྲང་ལམ་དོག་མོ་ནང་འགོ་འཐོམས་ཁ་ཤིན་ཏུ་སླ། དེའི་གཞུག་གི་ལྟ་སྐོར་འགྲོ་ཐེངས་རེ་རེར། རྡོ་རེ་རེ་དང་། ཁང་ཤར་རེ་རེ། སྲང་ལམ་རེ་རེ་བྱས་ནས་ཁང་པ་ རྣམས་རྩ་ཡལ་དུ་འགྱུར་འགྲོ་བ་མཐོང་ཞེས་ཁོའི་སྔོན་མའི་ལྟ་སྐོར་གྱི་སྐབས་སུ་བྲིས་འདུག ཁོ་ལྷ་སའི་གནའ་གྲོང་ལ་བརྩེ་བ་ཆགས་པས། ཁོས་དེ་སྐོར་ལྷག་ཏུ་སྦྱོང་འདོད་སྐྱེས་ཤིང་ཟིན་ཐོ་བཟོས། མཐའ་མར་ཕུན་སུམ་ཚོགས་པའི་འཛུགས་སྐྲུན་གྱི་ཤུལ་བཞག་དེ་ཧ་ཅང་འཕྱི་བོ་མ་ཆགས་གོང་ཉམས་གསོ་བྱ་རྒྱུའི་བློ་ཐག་བཅད།
དེ་ལས་གཞན་ད་རུང་།༡༩༩༦ལོར་ཁོ་བོས་ཕོ་ཐོ་སྒོ་སིའི་སྒྱུ་རྩལ་པ་ཕེམ་ཕེམ༚ཨ་བཟེ་བྰེ་རྡོ་དང་མཉམ་དུ་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོཊ་ཞེས་པ་གསར་འཛུགས་བྱས། ཁོ་ཚོའི་དམིགས་ཡུལ་ནི། ཤུལ་བཞག་འཛུགས་སྐྲུན་སྤྱི་དང་ནང་སྒོས་སུ་བོད་ཀྱི་ཤུལ་བཞག་དངོས་རྫས་སྲུང་སྐྱོང་དང་སྲོལ་རྒྱུན་དང་ལོ་རྒྱུས་རང་བཞིན་ལྡན་པའི་གཞིས་སྡོད་མི་དམངས་ཚོའི་འཚོ་བ་རྒྱུན་བརྟན་གྱིས་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་དེ་རེད།
བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོཊ་ཀྱི་ལས་ཀ་རྒྱུན་འཁྱོངས་དང་། གསར་བཏོད། བསྔོ་འབུལ་བཅས་ཀྱི་རྐྱེན་པས། ཨན་སྒྲེར་གྱིས་ང་ཚོས་བསམ་ཚེ་འགྲུབ་ཐབས་མེད་སྙམ་པ་དག་ལེགས་འགྲུབ་བྱུང་ཡོད་པ་སྟེ།ཁོས་ལོ་རྒྱུས་རང་བཞིན་ལྡན་པའི་ཁང་པ་རྣམས་བཤིག་མཚམས་འཇོག་ཏུ་བཅུག་པ་མ་ཟད་ལྷ་ས་གྲོང་ཁྱེར་གྱི་རིག་གཞུང་གནའ་རྫས་གཞུང་སྒྲུབ་ཁང་དང་མཉམ་ལས་ཀྱིས་ལྷ་སའི་ཤར་ཕྱོགས་ཀྱི་དཀྱིལ་དབུས་ཏེ། བར་སྐོར་གཡས་གཡོན་གྱི་ཁང་བ་དག་བསྐྱར་གསོ་བྱས།
ལོ་ངོ་བཅུ་ཕྲག་འགའི་རིང་། ང་ཚོས་ཨན་སྒྲིར་དང་ལྷན་དུ་ལས་གཞི་མང་པོ་ཞིག་བསྒྲུབས་པ་དང་། ཁོང་གི་ལས་ཀ་དེ་ རེ་བའི་ས་བོན་ནས་འཕེལ་རྒྱས་བྱུང་སྟེ། བོད་དབུས་དང་། ཁམས། ཨ་མདོ། ལ་དྭགས། སོག་པོ་བཅས་ཀྱི་ནང་ལས་གཞི་ སྤེལ་བའི་རྒྱལ་སྤྱིའི་ཚོགས་པ་ཞིག་ཏུ་འགྱུར་བཞིན་པ་མཐོང་པར་དགའ་སྤྲོ་དཔག་མེད་སྐྱེས། ༢༠༡༠ལོའི་ཡུལ་ཤུལ་ས་ འགུལ་དང་ལ་དྭགས་ཀྱི་ཆུ་ལོག་གི་གནོད་འཚེ་རྗེས་ཀྱི་རོགས་སྐྱོར་ལ། བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོཊ་ལ་ཨ་རིའི་ཕུལ་བྱུང་བྱས་རྗེས་ཀྱི་གཟེངས་རྟགས་དང་། UNESCOཤུལ་བཞག་དངོས་རྫས་བྱ་དགའ་གསུམ། འཛམ་གླིང་རྟགས་མའི་བྱ་དགའ་བཅས་ཐོབ་པ་དང་། རྩ་འཛུགས་འདི་ལ་མུ་མཐུད་དུ་བྱ་དགའ་འཐོབ་རྒྱུ་དང་ཕེམ་ཕེམ༚ཨ་བཟཱེ་བཱེ་རྡོ་དང་ཧྰེ་ར་ཁོ༚གཡུ་ཐོག་ཁཱ་གཉིས་ཀྱི་བྱང་ཆ་དོད་པའི་ལག་རྩལ་གྱིས་གལ་ཆེ་བའི་ལས་ཀ་བསྒྲུབ་རྒྱུ་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་དོ།།
ན་ནིང་ཁོ་བོ་སྙིང་ནད་ཀྱི་རྐྱེན་པས་ང་ཚོ་དང་གཏན་བྲལ་བྱུང་དུས་ལོ་ན་ཞེ་བདུན་ཡིན། ཁོང་ཉིད་ཕུལ་དུ་བྱུང་བའི་ འཛུགས་སྐྲུན་མཁན་པོ་ཞིག་ཡིན་པ་མ་ཟད། རྒྱུན་དུ་ལུས་ཡོངས་ལྭ་བ་དཀར་པོས་གཡོག་པའི་མུ་འབྲེལ་རི་མོ་ཀློག་ལ་དགའ་བའི་ཀློག་པ་པོ་ཞིག་ཡིན་པར་ཡང་བསམ་གྱིན་ཡོད། ཨན་སྒྲིར་གྱི་རྗེས་དྲན་རྩོམ་ཡིག་དབྱིན་ཇིའི་ཚགས་པར་ཊེ་ལེ་སྒ་རབ། (Telegraph)ཡི་ནང་དུ། རཱོ་སྦེ་སྦར་ ནུ་ཐཱ་ཡིས་འདི་ལྟར་བྲིས་ཡོད། ཐེངས་ཤིག་ཁོང་གིས་མཐོང་མཆན་རྒྱུན་བསྲིངས་ཀྱི་ཆེད་དུ་ཉེན་རྟོག་ཁང་གི་ཐེལ་ཙེ་ ཞིག་གཡར་བར་གཟའ་འཁོར་གཅིག་རིང་གི་བཙོན་འཇུག་ཐེབས། ང་ཚོས་འདི་ལྟར་ཁོ་དྲན་གསོ་བྱེད་ངེས་ཏེ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་འགོག་མེད་ཀྱི་འདུན་པས་བརྟས་པའི་སྐྱེས་བུ་དམ་པ།
ཁོ་རང་དུས་གཏན་དུ་དྲན་ངེས་ཡིན།