You are here

Publication

Name: 
Publication

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༥།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་ལྔ་པ་སྟེ་༢༠༠༧ནས་༢༠༠༨ལོའི་བར་གྱི་དུས་དེབ་ནང་ལ་དུང་དཀར་རིན་པོ་ཆེའི་སྐུ་ཚེ་དང་ཁོང་གི་མཁས་པའི་མཛད་པ་ཆེད་འགོད་བྱས་ཡོད། དེ་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ལྔ་པ་དྲུག་པར་འཕོས་པའི་གཏམ་དང་། དེ་བཞིན་བློ་བཟང་བོད་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་དང་པོ་དེ་འགྲེམ་སྤེལ་བྱས་པའི་སྐོར་དང་། ད་དུང་དུས་དེབ་འདིའི་ནང་ལ་ཁོལ་ཕྱུང་རྩོམ་རིག་ཏེ། ལོ་རན་ཧར་ཊི་ལིས་བསྒྱུར་གནང་བའི་ནགས་ཚང་བྱི་ལུའི་སྐྱིད་སྡུག་བཅད་བཀོད་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༤པ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༤པའི་ནང་ལ། ལ་རྩེ་དཔེ་མཛོད་དུ་སྤེལ་བའི་བོད་ཡིག་ཡིག་གཟུགས་འབྲི་སྟོན་ཚོགས་འདུའི་སྙན་སྒྲོན་ཞིག་དང་། ནེའུ་ཡོག་གྲོང་ཁྱེར་དུ་སྤེལ་བའི་གངས་ལྗོངས་སྤྲི་ཆུར་གྱི་བྲོ་བ་གཟིགས་པའི་གནས་ཚུལ། དེ་བཞིན་༢༠༠༦ལོ་གསར་གྱི་མཚན་ཚོགས་ཐོག་གླུ་མ་གྲགས་ཅན་ཟླ་སྒྲོན་ལགས་དང་། རྒན་ཕུན་ཚོགས་ལྡུམ་ཁང་ལགས། དེ་བཞིན་གླུ་མ་འཇམ་དབྱངས་སྐྱིད་ལགས་བཅས་མཉམ་ཞུགས་གནང་བའི་གླུ་གཞས་མཚན་ཚོགས་ཀྱི་གནས་ཚུལ་འཁོད་ཡོད། ད་དུང་དུས་དེབ་འདིའི་ནང་ལ། ཕད་རིས་ཞ་སི་ཀི་ཡ་ཧྥི་ནི་མཆོག་དང་། རིག་འཛིན་བསམ་གྲུབ་ལགས། འཇིགས་མེད་དུ་ཤེ་ལ་སོགས་ཀྱི་རྩོམ་དང་། ཧར་མན་སྦ་ལ་ཊིས་བསྒྱུར་བའི་བཀྲིས་ཟླ་བ་ལགས་ཀྱི་བརྩམ

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༣པ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༣པའི་ནང་ལ། ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་ཚིག་མཛོད་གྲགས་ཅན་"དགེ་བཤེས་ཆོས་གྲགས།"ཞུ་བའི་མཛད་པ་པོ་དགེ་བཤེས་ཆོས་གྲགས་ལགས་དྲན་གསོ་གནང་བའི་རྩོམ་ཞིག་དང་། བསོད་ནམས་ཚེ་རིང་ལགས་ཀྱིས་ལ་དྭགས་ཨག་བཱར་༼གསར་ཤོག་༽གི་སྐོར་ལ་རྩོམ་ཞིག་དང་། རབ་སྨོན་པྲ་སྟིས། "ནུབ་ཕྱོགས་ཀྱི་རྟོག་བཟོའི་བརྩམས་ཆོས་ཀྱི་ནང་གི་བོད་ཀྱི་འཕྲུལ་སྣང་གི་འབྱུང་ཁུངས།"ཅེས་པའི་རྩོམ་གཅིག་བཅས་འཁོད་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༢པ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༢པའི་ནང་ལ། ཐེབས་རྩ་ཚོགས་པའི་དཔེ་མཛོད་ཁང་དུ་སྤེལ་བཞིན་པའི་བྱེད་སྒོ་ཁག་སྟེ། བོད་ཀྱི་ཁ་ཤགས་ཀྱི་འཁྲབ་སྟོན་དང་༢༠༠༣ལོའི་ཚོགས་འདུའི་སྐོར་དང་། དགེ་འདུན་ཆོས་འཕེལ་ལགས་འཁྲུངས་ནས་ལོ་ངོ་བརྒྱ་འཁོར་བའི་རྗེས་དྲན་ཚོགས་འདུ་ལ་སོགས་འཁོད་ཡོད། དུས་དེབ་འདིའི་ནང་ལ་ད་དུང་འཇམ་དབྱངས་ནོར་བུ་ལགས་དང་ཨེ་ལི་ཨེད་སྤིར་ལིན་གཉིས་ཀྱི་བཀའ་མོལ་དང་། དེ་བཞིན་བསོད་ནམས་ཚེ་རིང་ལགས་ཀྱིས་བརྩམས་པའི་"མགོ་སྐོར་བླ་མ།"ཌེ་སི་ཌེ་རི། འཇམ་དབྱངས་ནོར་བུ་ལགས་ཀྱིས་བརྩམས་པའི་ཤེར་ལོག་ཧོལ་མུ་སེ་ཡི་དཀྱིལ་འཁོར་ཞེས་པའི་སྒྲུང་དེབ་ནས་ཁོལ་ཕྱུང་བྱས་པའི་རྩོམ་གཅིག་བཅས་འཁོད་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༡པོ།

འདི་ནི་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་གི་སྐབས་དོན་གསར་འཕྲིན་གྱི་འདོན་ཐེངས་དང་པོ་ཡིན། ཐོག་མར་ང་ཚོས་ལ་རྩེ་དཔེ་མཛོད་ཁང་ལ་ཐུགས་སྣང་གིས་སྐབས་དོན་གསར་འཕྲིན་འདི་ལ་གཟིགས་མཁན་རྣམས་ལ་སྐུ་བདེ་མཛད་འཕེལ་ཡིན་པའི་བཀྲ་ཤིས་བདེ་ལེགས་ཞུ།

Pages

Subscribe to RSS - Publication