མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་ད་ལྟ་ཞུ་ཡིག་གཏོང་བ།
 
 

བསྐྱར་ཞིབ་འཁོར་སྐྱོད་དང་ཞུ་ཡིག་འབུལ་བའི་དུས་བཅད།

ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་ནི་ལོ་རེའི་ཟླ་ལྔ་བར་ཞིབ་དཔྱད་ཐེངས་གཅིག་བྱེད་པ་ཡིན། གལ་ཏེ་ངོ་སྤྲོད་མདོར་བསྡུས་འདི་ལྟ་ཀློག་བྱས་རྗེས་ཁྱེད་ཀྱིས་རང་ཉིད་ལ་ཞུ་ཡིག་འབུལ་མཁན་གྱི་རྩ་བའི་ཐོབ་ཐང་འཚམས་མིན་ཐག་གཅོད་བྱས་ཏེ་ཞུ་ཡིག་འབུལ་དགོས། ཁྱོད་ཀྱིས་ཀུན་ཕན་ཐེབས་རྩ་ཚོགས་པའི་བྱ་དགའི་དངུལ་གཞུང་སྒྲུབ་ཁང་ནས་ཐད་ཀར་དུ་ཞུ་ཡིག་གི་དཔྱད་གཞིའི་ཡིག་ཆ་ཁ་ཚང་བླངས་ཆོག

མཉམ་འཇོག་བྱེད་དགོས་པ་ནི། ཞུ་ཡིག་དང་དཔྱད་གཞིའི་རྒྱུ་ཆ་རྣམས་སློབ་བསྡུའི་བརྡ་སྦྱོར་གསལ་བསྒྲགས་བྱེད་རེག་བར་དུ་སྒུག་མི་རུང་། ཡང་དག་པའི་འགྲོ་ལུགས་ནི་ཚུད་རྒྱུགས་མ་སྤྲད་པའི་ཡར་སྔོན་ལ་གྲ་སྒྲིག་བྱ་དགོས་པའི་དཔྱད་གཞིའི་ཡིག་ཆ་ཚང་མ་གྲ་སྒྲིག་ལེགས་པོ་བྱས་ཏེ་བྱ་དགའི་དངུལ་གཞུང་སྒྲུབ་ཁང་ལ་ཡར་འབུལ་གནང་དགོས། ཁྱོད་ཀྱིས་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ཀྱི་སྐར་འབྲས་དང་། སློབ་བསྡུ་རྗེས་ཀྱི་དོན་དངོས་འབྲེལ་གཏུག་བྱེད་སྟངས་སོགས་ཤེས་རྗེས་ཁ་གསབ་རྒྱག་དགོས།

གལ་ཏེ་ལོ་དེའི་ནང་དཔྱད་སྡུར་གྱི་ནང་དུ་ཞུགས་རྩིས་ཡོད་ན། ཁྱེད་ཀྱིས་ངེས་པར་དུ་གཤམ་གྱི་དུས་བཅད་ཀྱི་དུས་ཚོད་གཞིར་བཟུང་ནས་ཞུ་ཡིག་གི་རྒྱུ་ཆ་རྣམས་ཡར་འབུལ་གནང་དགོས།

གྲ་སྒྲིག་དཔྱད་གཞིའི་རྒྱུ་ཆ། ངེས་པར་དུ་ཟླ་གསུམ་པའི་ཚེས་བཅོ་ལྔའི་སྔོན་ལ་ཡར་འབུལ་བྱེད་དགོས། གལ་ཏེ་ཁྱེད་ནི་ཐེངས་དང་པོར་ཞུ་ཡིག་འབུལ་མཁན་ཡིན་ན། ངེས་པར་དུ་ཟླ་གསུམ་པའི་ཚེས་བཅོ་ལྔའི་སྔོན་ལ་གཤམ་གྱི་ཐོག་མའི་གྲ་སྒྲིག་དཔྱད་གཞིའི་རྒྱུ་ཆ་རྣམས་གྲ་སྒྲིག་ཆ་ཚང་བྱས་ཏེ། ཀུན་ཕན་ཐེབས་རྩ་ཚོགས་པར་ཡར་འབུལ་བྱས་ན་ང་ཚོས་ཁྱེད་ལ་དངོས་སུ་ཞུ་ཡིག་འབུལ་བའི་གཞི་རྩའི་ཐོང་ཐང་ཡོད་མེད་ལ་ཞིབ་བསྡུར་བྱེད་པར་སྟབས་བདེ་ཡིན། ཞུ་ཡིག་གི་ཡི་གེ། རང་ཉིད་ངོ་སྤྲོད་མདོར་བསྡུས།

ཞུ་ཡིག་གི་དཔྱད་གཞིའི་རྒྱུ་ཆ་ཆ་ཚང་། ཟླ་བཞི་བའི་ཚེས་སུམ་ཅུའི་སྔོན་ལ་ཡར་འབུལ་བྱེད་དགོས། གོང་གི་གྲ་སྒྲིག་དཔྱད་གཞིའི་རྒྱུ་ཆའི་རྣམ་གྲངས་གཉིས་ཀ་འདུས་པའི་ནང་དོན་ཆད་ལྷག་མེད་པར་ཆ་ཚང་བའི་ཞུ་ཡིག་གི་དཔྱད་གཞིའི་ཡིག་ཆ་ངེས་པར་དུ་ཟླ་བཞི་བའི་ཚེས་སུམ་ཅུའི་སྔོན་ལ་ང་ཚོར་འབྱོར་བྱུང་ན། ད་གཟོད་ཞིབ་དཔྱད་ཀྱི་ཐོབ་ཐང་ཐོབ་པ་ཡིན། དུས་བཅད་བརྒལ་སོང་ན་ཞུ་ཡིག་ཆ་ཚང་ཞིབ་དཔྱད་དུས་འཁོར་རྗེས་མར་བསྣུར་རྒྱུ་ཡིན།

ཞུ་ཡིག་གི་དཔྱད་གཞིའི་རྒྱུ་ཆ་ཆ་ཚང་ཞིག་ལ་གཤམ་གྱི་ནང་དོན་དག་འདུས།

  1. ཀུན་ཕན་ཐེབས་རྩ་ཚོགས་པའི་ཀྲུང་གོ་རྒྱལ་ནང་བྱ་དགའི་དངུལ་ཞུ་ཡིག་གི་རེའུ་མིག
  2. སློབ་སྦྱོང་གི་དམིགས་ཡུལ།
  3. རང་ཉིད་ངོ་སྤྲོད་མདོར་བསྡུས།
  4. ཞབས་ཞུའི་འཆར་གཞི།
  5. ངོ་སྤྲོད་ཡི་གེི་གསུམ།
  6. ཚད་གཞི་ངོ་མའི་སློབ་གྲྭའི་སྐར་འབྲས་རེའུ་མིག།
  7. ཕྱི་རྒྱལ་ཡི་གེའི་ཆུ་ཚད་རྒྱུགས་སྤྲོད་ཀྱི་སྐར་འབྲས་རེའུ་མིག(ཐའོ་ཧྥུ། ཡ་སི་སོགས་རྒྱལ་སྤྱིའི་བྱ་དགའི་དངུལ་ཞུ་ཡིག་འབུལ་མཁན་ཁོ་ནར་བཀོལ་བ་ཡིན།)
  8. གལ་ཏེ་ཞུ་ཡིག་བྱས་ཟིན་པ་དང་ཡང་ན་འབྲེལ་ཡོད་ཀྱི་སློབ་གྲྭ་ཞིག་གིས་སློབ་བསྡུ་བྱས་ཟིན་པ་ཡིན་ན། དེ་དང་འབྲེལ་ཡོད་ཀྱི་ཞུ་ཡིག་གི་དཔྱད་གཞིའི་རྒྱུ་ཆ་དང་སློབ་བསྡུའི་བརྡ་སྦྱོར་ཡར་འབུལ་གནང་དགོས།(རྒྱལ་སྤྱིའི་བྱ་དགའི་དངུལ་ཞུ་ཡིག་འབུལ་མཁན་ཁོ་ནར་བཀོལ་བ་ཡིན།)
  9. ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།(ཁྱོད་ཀྱི་གནས་ཚུལ་དང་འཚམས་པ་ཡིན་ན་དཔྱད་རྩོམ་དང་པར་སྐྲུན་དངོས་པོ་ཡང་འདུས།)
  10. རིགས་སོ་སོའི་མཐོ་རིམ་སློབ་གསོ་སློབ་བསྡུའི་ཚུད་རྒྱུགས་སྐར་འབྲས་བརྡ་སྦྱོར་ཡི་གེ་དངོས་ཀྱི་ངོ་བཤུས་ཡི་གེ།
  11. ཤེས་ཡོན་ཐོབ་ཐང་དང་། སློབ་སྦྱོང་བརྒྱུད་རིམ་གྱི་འཛིན་བྱང་ངོ་བཤུས།
  12. ལས་ཁུངས་ཀྱིས་ལས་ཐོག་སློབ་སྦྱོང་གི་ཆོག་མཆན་གྱི་བདེན་དབང་ཡི་གེ།(ཁྱོད་ཀྱི་གནས་ཚུལ་དང་འཚམས་པ་ཡིན།)
  13. ལས་ཐོག་སློབ་སྦྱོང་གི་དུས་ཡུན་ནང་དུ་རང་ཉིད་ཀྱི་ཡོང་སྒོའི་གནས་ཚུལ་གྱི་བདེན་དབང་།(ཁྱོད་ཀྱི་གནས་ཚུལ་དང་འཚམ་པ་ཡིན།)
  14. ལས་ཐོག་སློབ་སྦྱོང་གི་དུས་ཡུན་དུ་རང་ལས་ཁུངས་སུ་ལོག་སྟེ་ཞབས་ཞུ་བྱས་ཆོག་པའི་གན་རྒྱའི་ངོ་བཤུས།

ཇི་ལྟར་འབྲེལ་ཡོད་ཀྱི་ཞུ་ཡིག་གི་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་བྱེད་དགོས། ཇི་ལྟར་འབྲེལ་ཡོད་ཀྱི་རིགས་སོ་སོའི་བྱ་དགའི་དངུལ་ཀྱི་ཞུ་ཡིག་གི་དཔྱད་གཞིའི་རྒྱུ་ཆའི་གསལ་བཤད་དང་སྒྲིག་སྲོལ་ཞིབ་ཆ་གྲ་སྒྲིག་བྱ་དགོས་ཤེ་ན། ཁྱེད་ཉིད་ཀྱིས་ཐད་ཀར་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་བྱ་དགའི་དངུལ་གཞུང་སྒྲུབ་ཁང་ལ་འབྲེལ་གཏུག་བྱས་ན་པར་གཞི་ཆེས་གསར་བ་ལེན་ཐུབ་པ་ཡིན།

ཇི་ལྟར་བྱ་དགའི་དངུལ་གྱི་ཞུ་ཡིག་ཡི་གེ་དང་ཞུ་ཡིག་གི་དཔྱད་གཞིའི་ཡིག་ཆ་ཐོབ་དགོས། ཞུ་ཡིག་གི་རེའུ་མིག་དང་ཞུ་ཡིག་གི་དཔྱད་གཞིའི་ཡིག་ཆ་གཞན་རྣམས་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་ཚུགས་ནས་ཕབ་ལེན་བྱས་ཆོག དེ་དང་མཉམ་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་གཞུང་སྒྲུབ་ཁང་ལ་འབྲེལ་གཏུག་བྱས་ན་པར་གཞི་ཆེས་གསར་བའི་ཞུ་ཡིག་གི་ཡིག་ཆ་ལེན་ཐུབ་པ་མ་ཟད། ཞུ་ཡིག་གི་བྱ་རིམ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཚང་མ་འདྲི་རྩད་བྱས་ཆོག། ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་ཚིགས་ཁ་བྱང་ནི། http://www.trace.org  ཀུན་ཕན་ཐེབས་རྩ་ཚོགས་པའི་སྤྱི་སྤྱོད་རྒྱ་ཡིག་གི་དྲ་གནས་མིང་དངོས་ནི། 利众基金会 ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་གཞུང་སྒྲུབ་ཁང་ལ་འབྲེལ་གཏུག་བྱེད་སྟངས་ནི་གཤམ་གསལ་ལྟར།

四川省成都市高新区新光路7号 风华苑12栋3楼11号
电话: (028) 85182531
传真: (028) 85159287
利众基金会高等教育奖学金项目办
电邮: Dsp@trace.org (国内奖学金)
邮编: 610041 电邮: Dsp@trace.org (国际奖学金)


རོགས་སྐྱོར་འཚོལ་བ།

> སློབ་ཡོན།

> ཞིབ་འཇུག་གི་རོགས་རམ་བྱ་དགའ།

 

 

རོགས་དངུལ་དང་རྒྱབ་སྐྱོར་དྲ་ཤོག་གི་མདུན་ཤོག་ཏུ་ཕྱིར་སྐྱོད།