ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།                         

ད་ལྟའི་ཚོགས་འདུ།
 
 

>
read more

image description

image description

༢༠༡༠ལོའི་སྤྱི་ཟླ༣པའི་ཚེས་༢༦ནས་༢༧བར།


གཟའ་པ་སངས་ཏེ་སྤྱི་ཟླ་༣པའི་ཚེས་༢༦ཉིན་ཕྱི་དྲོའི་ཆུ་ཚོད་༦ནས་༨:༠༠བར། གཟའ་སྤེན་པ་སྟེ་སྤྱི་ཟླ་༣ཚེས་༢༧ཉིན་སྔ་དྲོའི་ཆུ་ཚོད་༡༠:༠༠ནས་ཕྱི་དྲོའི་ཆུ་ཚོད་༥:༠༠བར།


འཛམ་གླིང་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱོད་མཁན་གྱི་སྤྱི་ཚོགས་སུ་སྐད་ཡིག་གཅིག་གྱུར་གཏོང་བ་ནི་སྐད་ཡིག་རྒྱུན་འཛིན་དང་རིག་གནས་གཅིག་གྱུར་ཡོང་བའི་ཐབས་ལམ་ཞིག་ཏུ་བརྩི་བཞིན་ཡོད་མོད།འོན་ཀྱང་།བརྒྱུད་རིམ་འདིས་ཕན་ཚུན་མཐོང་ཆུང་དང་སྤྱི་ཚོགས་སྟེང་དཀའ་རྙོག་ཡང་བཟོ་སྲིད། གོང་བཀོད་གནད་དོན་འདི་དག་ལ་དམིགས་ཏེ།ཧང་གཱ་རིའི་སྐད་ཡིག་དང་ཁཱུར་ ཌིའི་སྐད་ཡིག བོད་དང་འབར་མའི་སྐད་ཡིག དེ་བཞིན་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་བཅས་ཀྱི་ ཆེད་ལས་མཁས་པ་དག་དང་ལྷན་དུ།     ང་ཚོས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་སུ་སྐད་

 

> མང་ཙམ་ཀློག

 

 

image description

༢༠༠༩ལོའི་ཟླ་༡༠ཚེས་༢༣ནས་༢༤བར།

གྲངས་ཉུང་མི་རིགས་སྐད་ཡིག་གི་ཟུངས་ཤུགས་དང་གསོན་སྟོབས།

 

ཀུན་ཕན་ཐེབས་རྩ་ཚོགས་པས་དེང་དུས་གོ་ལཱི་སྤྱི་ཚོགས་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཞེས་པའི་ཕྲེང་བརྒྱུད་མཁས་ཚོགས་ནང་གི་ཚོགས་འདུ་གསུམ་པ་སྟེ་།གྲངས་ཉུང་མི་རིགས་སྐད་ཡིག་གི་ཟུངས་ཤུགས་དང་གསོན་སྟོབས་ཞེས་པའི་ཚོགས་འདུ་དེ་སྤྱི་ཟླ་༡༠ བའི་ཚེས་༢༣དང་༢༤གཉིས་ཏེ། གཟའ་པ་སངས་དང་སྤེན་པ་གཉིས་ལ་སྐོང་ཚོགས་བྱ་རྒྱུ་ཡིན།སྤྱིར་བཏང་བཤད་ན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱོད་པའི་སྤྱི་ཚོགས་ཁག་གིས་རང་ཉིད་ཀྱི་སྐད་ཡིག་དེ་རྒྱུན་འཛིན་བྱེད་དགོས་པར་མཐོང་གི་ཡོད། ཁོང་ཚོའི་སྐད་ཡིག་དང་སྐད་ཡིག་དེ་སྤྱོད་མཁན་སྤྱི་ཚོགས་ཀྱི་བདེ་ཐང་ཚོད་དཔོག་བྱེད་
པའི་ལག་ཆ་ཅི་ཞིག་ཡོད་དམ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་འཚོ་ནུས་དང་གསོན་ཤུགས་ལ་རྒྱབ་སྐྱོར་དང་རྒྱུན་འཛིན་བྱེད་པའི་སྲིད་ཇུས་
གང་དང་གང་ཡོད་པ།            རང་ཉིད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པར་འབད་བརྩོན་བྱེད་པའི་སྤྱི་ཚོགས་སྣ་ཚོགས་ལ་འོས་ཞིང་འཚམས་པའི་བྱེད་
ཐབས་གང་དང་གང་ཡིན་ནམ། ད་ཐེངས་ཚོགས་འདུ་འདིས་རྒྱབ་ལྗོངས་མི་འདྲ་བའི་ཆེད་ལས་མཁས་པ་ མང་བོ་གདན་འདྲེན་བྱས་ཏེ།            སྐད་ཡིག་
གི་འཚོ་བའི་ནུས་པ་དང་ནུས་པ་དེ་རྒྱུན་འཁྱོངས་ཡོང་བའི་སྲིད་ཇུས་ཐོག་གི་རྒྱབ་སྐྱོར། དེ་བཞིན་བོད་སྐད་ཡིག་གཙོར་བྱས་པའི་གྲངས་ཉུང་མི་རིགས་ཀྱི་
སྐད་ཡིག་ལ་འདུན་ལམ་ལྡན་པའི་མ་འོངས་པ་ཞིག་ཡོང་ཆེད་བྱེད་ཐབས་ཅི་ཞིག་དགོས་མིན་སོགས་ལ་ དཔྱད་ཞིབ་བྱས་ཏེ་གོང་དུ་བཏོན་པའི་དྲི་བ་ཁག་
ལ་ལན་འདེབས་གནང་གི་རེད།

 

> མང་ཙམ་ཀློག

 

 

 

image description

 



ཕྲེང་བརྒྱུད་མཁས་ཚོགས་ཐེངས་གཉིས་པ་ཚོགས་རྒྱུ་ཡིན། ༢༠༠༩ལོའི་ཟླ་༡༡པའི་ཚེས་༡༣ནས་༡༤བར།

གྲངས་ཉུང་མི་རིགས་དང་ཡུལ་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་འཆར་དཔག:
ཡུལ་མིའིི་འཚོ་སྟངས་གནས་ཐུབ་པར་གཏོང་པ།

དུས་ཚོད། གཟའ་པ་སངས་ཀྱི་དགོང་དྲོ་དང་གཟའ་སྤེན་པའི་ཉིན་ཧྲིལ་བོ།

ལ་རྩེ་དཔེ་མཛོད་ཁང་གི་དཔེ་ཀློག་ཁང་།

 

ཀུན་ཕན་ཐེབས་རྩ་ཚོགས་པས་དགའ་སྤྲོའི་ངང་ནས་གྲངས་ཉུང་མི་རིགས་དང་ཡུལ་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་འཆར་དཔག: མི་དམངས་ཀྱི་འཚོ་སྟངས་གནས་ཐུབ་པར་གཏོང་པ་ཞེས་པའི་ཕྲེང་བརྒྱུད་མཁས་ཚོགས་ཐེངས་གཉིས་པ་ཚོགས་རྒྱུར་ཡིན་པ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། དེ་ཡང་བརྗོད་བྱ་མི་འདྲ་བར་བརྟེན་ནས་ཚོགས་འདུ་རེ་གྲ་སྒྲིག་བྱེད་པ་སྟེ། དཔེར་ན། སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་དུ་འགྱུར་བ། སྲོག་ལྡན་སྣ་མང་ཅན་དང་ས་གནས་ཀྱི་ཤེས་བྱ། དངུལ་བུན་ཕྲན་ཚེགས་གཡོར་བ་དང་ཞིང་འབྲོ་ཡར་རྒྱས། ཡར་རྒྱུས་ནང་མཉམ་ཞུགས་ཀྱི་རྒྱུད་རིམ་དང་མང་ཚོགས་ཀྱི་རང་ཐག་རང་གཅོད། སྤྱི་ཚོགས་ཁེ་ལས་དང་མང་ཚོགས་ཡར་རྒྱས། ཡུལ་སྐོར་སྤྲོ་འཆམ་གྱིས་ས་གནས་མང་ཚོགས་ལ་ཐེབས་པའི་ཤུཊ་རྐྱེན་སོགས་སོ། ཕྲེང་བརྒྱུད་གཏམ་ཚོགས་ཀྱིས་རྒྱལ་ཁབ་མི་འདྲ་བ་དང་རིག་ཚན་གྱི་རྒྱབ་རྗོངས་མི་འདྲ་བའི་མཁས་པ་རྣམས་གདན་དྲངས་ནས་དབམས་སྒྲིག་བྱས་ཡོད་པའི་གླེང་གཞིའི་དང། ལྷག་པར་ཏུ་རྒྱ་ནག་གི་བོད་རིགས་མང་ཚོགས་ཀྱི་སྐོར་དམིགས་སུ་བཟུང་ནས་བརྟག་དཔྱད་དང་སོ་སོའི་ཉམས་མྱོང་བརྗེ་རེས་བྱེད་རྒྱུ།

ཕྲེང་བརྒྱུད་མཁས་ཚོགས་གསར་བ་འདིའི་ནང་གི་ཚོགས་འདུ་དང་པོ་ནི་སྤྱི་ཟླ་༡༢པའི་ཚེས་༡༣དང་༡༤་ཉིན་གཟའ་པ་སངས་དང་སྤེན་པར་ཚོགས་རྒྱུ་ཡིན། དེ་ཡང་སོལ་རྒྱུན་རིག་གནས་དང་འབྲེལ་བའི་དེང་རབས་ཅན་འཛུགས་སྐྲུན་དང་གོ་ལའི་གཅིག་གྱུར། སྲོག་ལྡན་སྣ་མང་ཅན་དང་ཡར་རྒྱུས་ཀྱི་ཤུགས་རྐྱེན། སྲོག་ལྡན་སྣ་མང་ཅན་རྒྱུན་འཁྱོངས་བྱེད་པར་ས་གནས་ཤེས་བྱའི་ལས་འགན་སོགས་བརྗོད་བྱར་དཔྱོད་གླེང་བྱེད་རྒྱུ་ཡིན།

 

image description

image description

༢༠༠༩ལོའི་སྤྱི་ཟླ་༥བའི་ཚེས་༩ཉིན།

ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་མ་འོངས་སློབ་གསོའི་ཁ་ཕྱོགས།


འཆད་ཁྲིད་གནང་མཁན་དུ་སྐད་གཉིས་སློབ་གསོའི་ཆེད་མཁས་འཇམ་དབྱངས་བཀྲ་ཤིས་དང་ཁྲོ་བོ་རྒྱལ་མཚན་གཉིས་ཀ་ཕེབས་ཏེ་བོད་ཡིག་སློབ་གསོའི་ད་ལྟའི་ལག་བསྟར་དང་མ་འོངས་པའི་ཡར་རྒྱས་ཀྱི་ཁ་ཕྱོགས་བཅས་ཀྱི་ཁོག་ཏུ་གཏམ་བཤད་སྤེལ།

> མང་ཙམ་ཀློག
^ ཀླད་དུ་ཕྱིར་ལོག

image description

image description

༢༠༠༩ལོའི་སྤྱི་ཟླ་༥བའི་ཚེས་༩ཉིན་སྟེ་གཟའ་སྤེན་པའི་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣པའི་ཐོག

ཁྲིན་ཏུའུ་རུ་ཡོད་པའི་བོད་བརྒྱུད་ནང་བསྟན་གཞུང་ལས་ཁང་གི་གཅན་རང་སད་(བྱམས་པ་དགེ་ལེགས)ལགས་ཀྱིས་ང་དང་ངའི་སྙན་ངག་གི་མི་ཚེ་ཞེས་པའི་བརྗོད་གཞིའི་སྟེང་དུ་འཆད་ཁྲིད་གནང་།

འཆད་ཁྲིད་གནང་མཁན་ཨ་མདོའི་སྙན་ངག་པ་གྲགས་ཅན་གཅན་རང་སད་ ལགས་ཀྱིས་རང་ཉིད་ཀྱི་མི་ཚེའི་རྒྱབ་ལྗོངས་དང་རང་ཉིད་ཀྱི་སྙན་ངག་པ་དང་རྩོམ་པ་བོའི་མདུན་ལམ།

དེ་བཞིན་རང་ཉིད་ཀྱི་ཤུགས་རྐྱེན་དང་གསར་གཏོད་རང་བཞིན་གྱི་རྒྱུད་རིམ་བཅས་ཀྱི་ཐོག་ཏུ་གཏམ་བཤད་སྤེལ།

བྱམས་པ་དགེ་ལེགས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་(པེ་ཅིན་དུ་ཡོད)གི་ཡན་ལག་ཁྲིན་ཏུའུ་བོད་བརྒྱུད་ནང་བསྟན་གཞུང་ལས་ཁང་གི་ཞིབ་འཇུག་པ་ཞིག་ཡིན།

 

> མང་ཙམ་ཀློག
^ ཀླད་དུ་ཕྱིར་ལོག

image description

image description

ཐེངས་རྗེས་མའི་འཆད་ཁྲིད་ནི་༢༠༠༩ལོའི་སྤྱི་ཟླ་༡༠བའི་ནང་ཡིན།

བརྗོད་གཞིའི་ཁ་བྱང་རྗེས་ནས་གསལ་བསྒྲགས་བྱེད།


རྗེས་ཐེངས་མའི་དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཅེས་པའི་འཆད་ཁྲིད་འདི་༢༠༠༩ལོའི་སྤྱི་ཟླ་༡༠བའི་ནང་འཚོག་རྒྱུ་ཡིན་ལ། སྐབས་འདིའི་འཆད་ཁྲིད་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་འཚོ་ནུས་དང་གསོན་ཤུགས་ཀྱི་སྐོར་ཡིན། གསར་བཅོས་ཀྱི་གནས་ཚུལ་ལ་གཟིགས་རོགས།


^ ཀླད་དུ་ཕྱིར་ལོག

image description

image description

འདས་ལོའི་འཆད་ཁྲིད་ཀྱི་སྙན་ཐོ།
༢༠༠༩ལོའི་སྤྱི་ཟླ་༢པའི་ཚེས་༢༡ནས་༢༢བར་དུ།

འཚོགས་པའི་ཕ་སྐད་སློབ་གསོའི་མདུན་ལམ།


སྤྱི་ཟླ་༢པའི་ཚེས་༢༡ཉིན་ཀུན་ཕན་ཐེབས་རྩ་ཚོགས་པས་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ལ་རྩེ་དཔེ་མཛོད་ཁང་དུ་ཉིན་གཉིས་ཅན་གྱི་འཆད་ཁྲིད་ཅིག་བཀོད་སྒྲིག་བྱས་ཏེ་རྒྱལ་སྤྱིའི་ཕ་སྐད་ཉིན་མོའི་དུས་ཆེན་ཐེངས་བཅུ་བ་སྲུང་བརྩི་བྱས། འཆད་ཁྲིད་ཚོགས་འདུ་འདིས་སྤྱི་ཟླ་༡༡པའི་ནང་ཚོགས་པའི་དེང་གི་གོ་ལོའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཅེས་པའི་སྒོ་འབྱེད་ཚོགས་འདུའི་སྣེ་བསྐྱངས་ཡོད།

ཁ་བྱང་དུ་ཕ་སྐད་སློབ་གསོའི་མདུན་ལམ་ཞེས་བཀོད་པའི་ཚོགས་ཐེངས་གཉིས་པའི་ཤུགས་སྣོན་ཡུལ་གཙོ་བོ་ནི། ཀྲུང་གོའི་ནང་ཁུལ་གྱི་བོད་ཁུལ་ཁག་གཙོས་པའི་འཛམ་གླིང་ཡོངས་སུ་ཕ་སྐད་སློབ་གསོ་ལག་བསྟར་བྱེད་པར་གོ་སྐབས་དང་དཀའ་ངལ་གང་དག་ཡོད་པའི་སྐོར་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པར་གཤམ་གྱི་མི་སྣ་ཁག་གདན་འདྲེན་ཞུ་རྒྱུའི་བསྐལ་བཟང་ལྡན། གདན་འདྲེན་བྱས་པའི་མི་སྣ་ཁག་ནི། སུའེ་ཛིར་ལཎ་རྒྱལ་ཁབ་ཀྱི་ཇེ་ནེ་ཝ་སློབ་གྲྭ་ཆེན་མོའི་ཡིག་སྒྱུར་དང་སྐད་སྒྱུར་སློབ་གླིང་གི་དཔལ་འབྱོར་རིག་པའི་སློབ་དཔོན་ཧྥི་རན་ཁོའེ་སི་རྒི་རིན་ལགས།ཀུན་ཕན་ཐེབས་རྩ་ཚོགས་པའི་སྣེ་འདྲེན་ལས་གཞི་སྟེ། ཀྲུང་གོའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དམའ་འབྲིང་སློབ་གྲྭའི་ལས་གཞིའི་ལས་ཚབ་དོ་དམ་པ་ཤ་བོ་དོན་འགྲུབ་ལགས། ཕན་སེལ་ཝན་ནེ་ཡའི་ཌིག་ཁིན་སོན་སློབ་གླིང་གི་ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་སྡེ་དག་གི་མཉམ་སྒྲུབ་སློབ་དཔོན་དང་གཙོ་འཛིན་གཅིག་ལྕོགས་གནང་བའི་མིན་ལང་ཀྲུའུ་ལགས། ཀོ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་གླིང་གི་བོད་ཀྱི་དེང་རབས་སྐད་ཡིག་སློབ་སྟོན་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས། ཌེན་མེག་རྒྱལ་ཁབ་ཀྱི་རོ་སི་ཀིལ་ཌེ་སློབ་གྲྭ་ཆེན་མོའི་སྐད་ཡིག་དང་རིག་གནས་སྡེ་ཁག་དང་ཧྥིན་ལཎ་རྒྱལ་ཁབ་ཀྱི་ཨ་བྷོ་ཨ་ཀཱ་ཌེ་མི་སློབ་གྲྭ་ཆེན་མོའི་སློབ་གསོའི་སྡེ་ཁག་གཉིས་སུ་ཕྱག་ལས་གནང་བཞིན་པའི་སློབ་དཔོན་ཨེ་མེ་རི་ཏ་ལགས་དང་ཊོབ་སུ་ཀུད་ནབ་ཀངྒ་བཅས་སོ།།

>མང་ཙམ་ཀློག
^ ཀླད་དུ་ཕྱིར་ལོག

 

ཚོགས་འདུ